[001A] །རབ་འབྱམས་ཕྱོགས་བཅུའི་ཞིང་ན་ བཞུགས་པ་ཡི། །རྒྱལ་བ་སྲས་དང་སློབ་མར་བཅས་པ་ དང། །དགེ་འདུན་བཙུན་བ་བྱང་སེམས་རིག་འཛིན་ཚོགས། ། ཐམས་ཅད་བདག་ལ་བརྩེ་བ་ས་དགོངས་སུ་གསོལ། །འཇིག་ རྟེན་འཇིག་རྟེན་འདས་པའི་ལེགས་བའི་ཚོགས། །ཀུན་གྱི་ [001B] མནུ་པཱ་ལ་ཡ། བྫྲ་སྟྭ་ཏི་ ནོ་པ་ཏི་ཧཱུ་དྲི་དཧོ་མེད་བྷ་བ། སུ་ཏོ་དཡོ་མེ་བྷ་སུ་པོ་དཡོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ་ ས་བ་སི་དཧི་མེ་པྲ་ཡ་ཅྪ། ས་དྲ་རྐ་རྨཱ་སུ་མི་ཙི་ཏཏ་ཤྲི་ཡི། ཀུ་རུ་ཧཱུ་ཧ་ཧ་ཧ་ཧ་ ཧོ༑ །བྷ་ག་བཱ་ནས་རྦ་ཏ་ཐཱ་ག་ཏ་བྫྲ་བྷ་བ་མ་ཧ་ས་མ་ཡ་ས་ཏིཨ་ཧཱུཾ་ཕཊ་ [002A]༄༅། །རྩ་བ་སྡོམ་བ་རྩོལ་བ་སོགས། །བཀའ་དྲིན་ཅན་གྱི་ཡོངས་འཛིན་བླ་མ་མཆོག་ཚུལ་ བཞིན་བསྟེན་ལས་འགལ་རྣམས་མཐོལ་ལོ་བཤགས། །ཐར་བ་ཆེན་པོའི་གླིང་དུ་བགྲོད་པའི་ཐབས།། མདོ་རྒྱུད་རྣམས་ལས་མཆོག་ཏུ་ལེགས་བསྔགས་བ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་ ཡི༑ ༑བཅས་པའི་འཚམས་ལས་འགལ་རྣམས་མཐོལ་ལོ་བཤགས། །ཁྱད་པར་སྐྱེ་བ་བཅུ་དྲུག་ ཚུན་ཆད་དུ། །བླ་མེད་རྫོགས་བྱང་འཐོབ་བའི་ཐབས་ཀྱི་མཆོག་གསང་ཆེན་སྔགས་ཀྱི་སྡོམ་པའི་ མི་མཐུན་ཕྱོགས། །རྩ་ལྟུང་སྦོམ་པོའི་སྡེར་གཏོགས་ཐམས་ཅད་བཤགས། །དབང་བསྐུར་རྒྱུད་ [002B] །གང་རུང་གཅིག་ལ་རང་གི་སྒོ་གསུམ་གྱིས། །བཀུར་འོས་བླ་མར་འཛིན་པ་དོར་བ་ཡི། །ཙ་ལྟུང་དང་པོའི་རྒྱུ་ལ་སྤྱད་པ་བཤགས། །སྡོམ་གསུམ་ གང་རུང་བཅས་པ་བརྗོད་བྱ་རུ། །སྟོན་པའི་བདེ་གཤེགས་བཀའ་ལ་ཁྱད་བསང་དེ། །དེ་ཡི་བརྗོད་བྱ་བཅས་པ་ལས་འདས་པའི། །རྩ་ལྟུང་གཉིས་པའི་རྒྱུ་ལ་སྤྱད་པ་བཤགས། །རང་དང་སློབ་ དཔོན་གཅིག་ལས་དབང་ཐོབ་ཅིང། །སྔགས་སྡོམ་ལྡན་པའི་རྡོ་རྗེ་སྤུན་གྲོགས་ལ། །ཤེས་བཞིན་ཁྲོས་ནས་སྐྱོན་བརྗོད་གོ་བྱེད་པའི། །རྩ་ལྟུང་གསུམ་པའི་རྒྱུ་ལ་སྤྱད་པ་བཤགས། །སེམས་ཅན་ གང་ཡང་རུང་བ་གཅིག་ལ་ཡང། །དམིགས་ནས་དེ་ནི་བདེ་བ་ཐམས་ཅད་དང། །འབྲལ་བར་འདོད་ཅིང་བྱམས་པ་འདོར་བྱེད་པའི། །རྩ་ལྟུང་བཞི་པའི་རྒྱུ་ལ་སྤྱད་པ་བཤགས། །སེམས་ཅན་དོན་ དུ་སངས་རྒྱས་ཐོབ་འདོད་སེམས། །དོར་ནས་འགྲོ་ཀུན་དོན་དུ་རྫོགས་བྱང་མཆོག་བསྒྲུབ་པར་མི་ནུས་སྙམ་པའི་བློ་བསྐྱེད་པའི། །རྩ་ལྟུང་ལྔ་བའི་རྒྱུ་ལ་སྤྱད་བ་བཤགས། །མདོ་སྔགས་ གང་ཡང་རུང་བའི་སངས་རྒྱས་ཀྱི། །བཀའ་ལ་འདི་ནི་སངས་རྒྱས་ཀྱིས་གསུངས་པ། །མིན་ཞེས་སྙིང་ནས་སྐུར་འདེབས་ཚིགས་བརྗོད་པའི། །རྩ་ལྟུང་དྲུག་པའི་རྒྱུ་ལ་སྤྱད་པ་བཤགས། །དབང་ གིས་མ་སྨིན་གསང་བ་དེ་ཐོས་ན། །མ་དང་སྐྱེལ་ཤེས་བཞིན་དགོས་མེད་པར། །སྔགས་ཀྱི་གསད་ཚིགས་བསྒྲགས་པས་གོ་བྱེད་པའི། །རྩ་ལྟུང་བདུན་པའི་རྒྱུ་ལ་སྤྱད་པ་བཤགས། །ཕུང་པོ་རྒུད་ འདོད་དཀའ་ཐུབ་ཀྱིས་གདུངས་པ་འྨ། །མི་གཙང་ཕུང་པོ་ལྷར་བསྒོམ་མི་རུང་བར། །ལྟ་བའམ་རང་ཉིད་གསོད་འདོད་སེམས་སྐྱེས་པའི། །རྩ་ལྟུང་བརྒྱད་པའི་རྒྱུ་ལ་སྤྱད་པ་བཤགས། །ཆོས་ [003A]༄༅། །བདག་མེད་པ་སྤྱི་ཙམ་སྤོང་འདོད་པས། །ཆོས་ཀྱི་བདག་མེད་ཙམ་མམ་དབུ་སེམས་ཀྱི། །ལྟ་བའི་ཆོས་བདག་མེད་པ་གཅིག་སྤོང་བའི། །རྩ་ལྟུང་དགུ་བའི་རྒྱུ་ལ་སྤྱད་པ་བཤགས། ། བླ་མ་སྨོད་སོགས་མངོན་སྤྱོད་བྱ་འོས་པའི། །ཡུལ་ལ་མཛའ་བོར་བྱས་ནས་ལུས་སམ་དག་གང་ཡང་རུང་བས་བྱམས་པར་བྱེད་པ་ཡི། །རྩ་ལྟུང་བཅུ་པའི་རྒྱུ་ལ་སྤྱད་པ་བཤགས། །རང་གིས་ ལྟ་བ་མཆོག་ཏུ་འདོད་པ་ཡི། །སེམས་ཙམ་རང་རྒྱུད་ཐལ་འགྱུར་གང་རུང་གི་ལྟ་བ་རྙེད་པ་ཞག་གཅིག་མ་བསྐྱངས་པའི། །བཅུ་གཅིག་པ་ཡི་རྒྱུ་ལ་སྤྱད་པ་བཤགས། །ཐེག་ཆེན་ལམ་གྱི་སྣོད་ རུང་གདུལ་བྱ་ཡི། །ཐེག་པ་མཆོག་གི་གདམ་ངག་གང་རུང་ལ། །དད་འདུན་བཟློག་ཐབས་བྱས་ཏེ་ལོག་པ་ཡི། །བཅུ་གཉིས་བ་ཡི་རྒྱུ་ལ་སྤྱད་པ་བཤགས། །ཚོགས་འཁོར་དཔའ་བོ་དཔའ་མོའི་ སྟོན་མོའི་ཚེ། །དམ་རྫས་བསྟབས་དང་རིག་མ་བསྟེན་ནུས་པའི། །ནུས་པ་ཐོབ་པས་དགག་བྱ་གཞན་མེད་པར། །བསྟབས་པ་དང་དུ་མི་ལེན་བླ་མེད་དང། །རྡོ་རྗེ་དྲིལ་བུ་ལག་པའི་ཕྱག་རྒྱ་ སོགས༑ ༑སྨད་ནས་འདོར་བ་རྒྱུད་སྡེ་གོང་མ་གཉིས། །ཐུན་མོང་པ་ཡི་དབང་དུ་བྱས་པ་ཡི། །བཅུ་གསུམ་པ་ཡི་རྒྱུ་ལ་སྤྱད་པ་བཤགས། །ཕག་མོ་སོགས་ཀྱི་སྤྲུལ་པའི་བུད་མེད་ལ། །དེ་ཡི་སྐྱོན་ བརྗོད་ཐ་མལ་བུད་མེད་ལ། །སྤྱི་ལ་སྨོད་ཚིག་བརྗོད་པ་དེས་གོ་བའི། །བཅུ་བཞི་པ་ཡི་རྒྱུ་ལ་སྤྱད་པ་བཤགས། །རྩ་ལྟུང་ལྔ་བ་མ་གཏོགས་གཞན་རྣམས་ཀྱི། །དངོས་གཞི་རྫོགས་ལ་ཀུན་དཀྲིས་ ཆེན་པོ་ཡི། །ཡན་ལག་ཚང་དགོས་དེ་ཡི་ཡན་ལག་གི་ཆ་ཤས་གཅིག་ཙམ་བསྐྱེད་པ་ཐམས་ཅད་བཤགས། །རྩ་ལྟུང་བསྐྱེད་པའི་ཉེས་པ་གང་ཡིན་པ། །དེ་ལ་ད་དུང་སྤྱོད་འདོད་མ་ལོག་དང། ། [003B] །དེ་ལ་དགའ་ཞིང་མགུ་བ་མ་ལོག་དང། །དེ་ལ་ཉེས་པར་ལྟ་པར་མི་བྱེད་པའི། །ཆོས་བཞི་ཉེས་བ་དེ་ཡི་ཀུན་སློང་ནས། །དངོས་གཞིའི་བར་ལ་ཚད་ཞིང་བར་མ་ཆད་ བྱུང་བའི་ཀུན་དཀྲིས་ཆེན་པོའི་ཉེས་པ་བཤགས། །རྩ་ལྟུང་སྐྱེད་བའི་རྒྱུ་ལ་ཉེས་དམིགས་སུ། །མི་ལྷ་བ་དེ་ཡོད་ན་ཡན་ལག་གཞན། །གསུམ་ཆར་མེད་ཀྱང་ཀུན་དཀྲིས་འབྲིང་དུ་འཇོག་ཉེས་ལ་ཉེས་ པར་མི་ལྟ་པ་དེ་བཤགས། །རྩ་ལྟུང་རྒྱུ་ལ་ཉེས་པར་མི་ལྟ་བ། །མེད་པར་ཉེས་བར་ལྟ་བ་ཡོད་གྱུར་ན། །གཞན་གསུམ་ཡོད་ཀྱང་ཀུན་དཀྲིས་ཆུང་དུར་འཇོག་ཀུན་དཀྲིས་ཆུང་ངུའི་ཡན་ལག་ཐམས་ ཅད་བཤགས། །དབང་དང་དམ་ཚིག་སྡོམ་པ་མ་ཐོབ་ཅིང། །སྔགས་དང་རྒྱུད་རྣམས་ལེགས་པར་མ་བསླབ་པའི། །བུད་མེད་རང་གི་མཐུ་ཡིས་བསྟེན་པ་ཡི། །སྦོམ་བོ་དང་པོའི་རྒྱུ་ལ་སྤྱད་པ་ བཤགས། །དབང་བསྐུར་ཐོབ་སོགས་མཚན་ཉིད་ལྡན་པ་ཡི། །རིག་མ་ཡིན་ཡང་རྒྱུད་ལས་གསུངས་པ་ལྟར། །མིན་པར་དེ་ཡི་བྱང་སེམས་ལེན་པ་ཡི། །སྦོམ་པོ་གཉིས་པའི་རྒྱུ་ལ་སྤྱད་པ་ བཤགས། །དབང་བསྐུར་མ་ཐོབ་ཐོབ་ཀྱང་མི་དད་བའི། །སྣོད་མིན་ལ་ནི་བྲིས་སྐུ་གླེགས་བམ་དང། །རྒྱན་དྲུག་ལ་སོགས་གསང་བའི་རྫས་བསྟན་པའི། །སྦོམ་པོ་གསུམ་པའི་རྒྱུ་ལ་སྤྱད་པ་བཤགས། ། ཚོགས་འཁོར་དབ་འོ་དཔའ་མོའི་སྟོན་མོའི་དུས། །ཕན་ཚུན་ངག་གི་རྩོད་པ་བྱེད་པ་དང། །ལུས་ཀྱི་ཐལ་མོ་བརྡེ་གསོགས་བྱེད་པ་ཡི། །སྒོམ་པོ་བཞི་བའི་རྒྱུ་ལ་སྤྱད་པ་བཤགས། །དད་ལྡན་ཆོས་ཀྱི་ དྲི་བ་བྱེད་པ་ལ། །དོན་དམ་དྲི་ལ་ཀུན་རྫོབ་སྟོན་པ་སོགས། །དྲི་བའི་དོན་ལས་དོན་གཞན་སྟོན་པ་ཡི། །སྦོམ་པོ་ལྔ་བའི་རྒྱུ་ལ་སྤྱད་པ་བཤགས། །གསང་སྔགས་སུན་འབྱིན་བྱེད་པའི་ཉན་ཐོས་པའི། ། [004A]༄༅། །ནང་དུ་སྲོག་སྐྱོབས་རྒྱལ་པོའི་བཀའ་སྒྲུབ་པ། །ལ་སོགས་དགོས་མེད་ཞག་བདུན་གནས་པ་ཡི། །སྦོམ་པོ་དྲུག་པའི་རྒྱུ་ལ་སྤྱད་བཤགས། །ལྷ་ཡི་སྒྲུབ་ཐབས་ཙམ་ཞིག་ཤེས་པ་ ཡིས༑ ༑དེ་ཉིད་ཤེས་པར་སྒོམ་ཞིང་གཞན་དག་ལ། །སྟོན་པར་བྱེད་པ་མངོན་པའི་ང་རྒྱལ་བྱེད། །སྦོམ་པོ་བདུན་པའི་རྒྱུ་ལ་སྤྱད་པ་བཤགས། །དབང་བསྐུར་མ་ཐོབ་སྔགས་ལ་མི་དད་ལ། །དབང་ བསྐུར་བྱེད་དང་དབང་བསྐུར་ཐོབ་ན་ཡང། །དད་བ་མེད་ལ་གསང་བའི་ཆོས་བསྟན་པའི། །སྦོམ་པོ་བརྒྱད་པའི་རྒྱུ་ལ་སྤྱད་པ་བཤགས། །ལས་རུང་བསྙེན་བ་ཁ་སྐོང་སྦྱིན་སྲེག་དང། །ལྷ་ཡི་རྣལ་ འབྱར་དག་པར་མ་བྱས་པར། །དབང་བསྐུར་སོགས་ཀྱི་ལས་ལ་འཇུག་པ་ཡི། །སྦོམ་པོ་བསྐྱེད་པའི་རྒྱུ་ལ་སྤྱད་པ་བཤགས། །དགོས་མེད་སྡོམ་པ་གཉིས་ཀྱི་བཅས་པ་ལས། །འདའ་བ་དགེ་སློང་ སྔགས་བས་སྦྱིན་བསྲེག་ཚེ། །དུས་དྲན་རུང་བ་ལ་སོགས་མ་བྱས་པའི། །སྦོམ་པོ་བསྐྱེད་པའི་རྒྱུ་ལ་སྤྱད་པ་བཤགས། །རྩ་ལྟུང་བྱུང་ཚེ་མཚན་ལྡན་སློབ་དཔོན་ལ། །སྟོན་མོ་འབུལ་བས་ལེགས་ བར་མཉེས་བྱས་ཏེ། །རྩ་ལྟུང་བཤགས་ནས་དབང་བསྐུར་མཆོག་མནོས་ཏེ། །སྡོམ་པ་གསོལ་བར་མ་བྱས་མཐོལ་ལོ་བཤགས། །དབང་བསྐུར་ཞུ་ཡུལ་སློབ་དཔོན་མ་རྙེད་ན། །དཀྱིལ་འཁོར་ བསྒྲུབ་མཆོག་ཚུལ་མཐུན་ལེགས་བྱས་ཏེ། །བདག་ཉིད་འཇུག་ཅིང་རང་གིས་དབང་ལེན་པས། །སྡོམ་པ་གསོ་བར་མ་བྱས་མཐོལ་ལོ་བཤགས། །རྩ་ལྟུང་སྦོམ་པོའི་ལྟུང་བ་གང་བྱུང་བ། །བླ་ མའམ་སྔགས་ཀྱི་སྡོམ་ལྡན་གཞན་ཞིག་ལ། །ལྟུང་བའི་མིང་རིགས་བརྗོད་པས་མཐོལ་བཤགས་ཀྱིས། །ཕྱིར་བཅོས་ཚུལ་མཐུན་མ་བྱས་མཐོལ་ལོ་བཤགས། །རིམ་གཉིས་བསྒོམ་བཟླས་ [004B] །རྟེན་གྱི་དྲུང་དུ་བཤགས་པ་སྲོག་སྐྱོབ་བྱེད། །བཀའ་ཀློགས་ཙྪ་མཁའ་འགྲོའི་སྦྱིན་སྲེག་དང། །ངན་འགྲོ་དགུག་དྲལ་ཕུང་པོ་གསུམ་པའི་མདོ། །འདོན་དང་རྡོར་སེམས་ བསྒོམ་བཟླས་བྱེད་ལ་སོགས། །སྡིག་ལྟུང་འདག་ཐབས་མ་བྱས་མཐོལ་ལོ་བཤགས། །དེ་ལྟར་བཤགས་པས་ལྟུང་བ་མ་ལུས་པ། །དག་ནས་ལམ་མཆོག་བསྒྲུབ་ལ་མི་སྒྲིབ་པར། །མྱུར་དུ་རིམ་ གཉིས་རྣལ་འབྱོར་མཐར་ཕྱིན་ནས། །སྐུ་གསུམ་གོ་འཕང་བདེ་བླག་འཐོབ་པར་ཤོག། །།ཅེས་སྔགས་ཀྱི་རྩ་ལྟུང་དང་སྦོམ་པོའི་ལྟུང་བ་ངོས་བཟུང་བའི་སྒོ་ནས་བཤགས་པ་བྱེད་ཚུལ་གོ་བདེ་བཞིག་ གྱིས་ཞེས་ཆོས་ལ་བརྩོན་པ་དང་རྣམ་དཔྱོད་ཡངས་པའི་དགེ་ཚུལ་དཔལ་བཟང་སོགས་དོན་གཉེར་ཅན་འགའ་ཞིག་གིས་ཡང་ཡང་བསྐུལ་ཞིང། རང་གིས་ཀྱང་ལྟུང་བ་དོས་འཛིན་གྱི་བརྗེད་བྱང་དང་ སྐལ་མཉམ་གཞན་ལ་འདྲ་ཕན་པར་བསམས་ནས་ལྟུང་བའི་དོས་འཛིན་དང་བཤགས་པ་བྱེད་ཚུལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པའི་རྩ་ལྟུང་རྣམ་བཤད་དམ་ཚིག་གསལ་སྒྲོན་ལྟར་ བྱས་ཏེ་རྒྱལ་ཁམས་པ་ངག་དབང་བློ་བཟང་ཆོས་ལྡན་གྱིས་མཚོ་བདུན་གྱི་ལྷ་ཁང་ཆེན་མོར་སྦྱར་བའི་ཡི་གེ་པ་ནི་བསྐུལ་པ་པོ་དགེ་ཚུལ་དཔལ་བཟང་ངོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་ཐོགས་ པར་གྱུར་ཅིག། །།